ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

ཀཱ་ཀའོ་མཉེན་ཆས་ཕབ་ལེན་དང་བེད་སྤྱོད་བྱེད་སྟངས་མཛུབ་མོའི་རི་སྟོན།

སྤེལ་དུས། 2013-02-16 09:58:20  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། བསྟན་འཛིན་སྒྲོལ་མ།  ཀློག་གྲངས།

       གལ་སྲིད་ཁྱེད་ཀྱིས་ཨན་ཌོ་མ་ལག་རྟགས་ཅན་གྱི་ཁ་པར(Android)ནང་ཀཱ་ཀའོ་ཟེར་བའི་མཉེན་ཆས་དེ་ཕབ་ལེན་བྱས་ནས་བེད་སྤྱོད་གཏོང་འདོད་ཡོད་ཚེ། ཐོག་མར་ཁྱེད་ལ་དགོས་པའི་ཆ་རྐྱེན་གཅིག་ནི་ཇེ་མེལ་(gmail)་གྱི་གློག་འཕྲིན་ཁ་བྱང་ཞིག་བཟོ་དགོས་རྒྱུ་དེ་རེད། ཀུ་ཤུ་རྟགས་ཅན་གྱི་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་དབྱིན་སྐད་དུ་ Apple store་རྒྱ་སྐད་དུ་Apple商店་ནས་མཉེན་ཆས་ཕབ་ལེན་བྱེད་དགོས། ཕབ་ལེན་བྱེད་སྟངས་འདྲ་མཚུངས་ཡིན།
        གཤམ་དུ་ཀཱ་ཀའོ་མཉེན་ཆས་རང་ཉིད་ཀྱི་ཁ་པར་དུ་འཇུག་སྟངས་སྐོར་རོབ་ཙམ་བརྗོད་ན།

དང་པོ།
        ཁྱེད་ཀྱིས་ཨན་ཌོ་མ་ལག་རྟགས་ཅན་གྱི་(Android) ལག་འཁྱེར་ཁ་པར་ནང་གི་དབྱིན་སྐད་དུ་(Play Store) དང་རྒྱ་སྐད་དུ་(Play 商店)ཟེར་བའི་མཉེན་ཆས་ཕབ་ལེན་བྱེད་སའི་དྲ་ངོས་དེ་ཁ་ཕྱེ་རྗེས། དེའི་རྗེས་ཀྱི་དྲ་ངོས་ནང་གི་གཡས་ཕྱོགས་སུ་ཡོད་པའི་ཕྲ་མཐོང་ཆེ་ཤེལ་བཟོ་དབྱིབས་ཀྱི་རི་མོ་དེའི་སྒང་ལ་བསྣུན། དེ་ནས་དེའི་རྗེས་ཀྱི་འཚོལ་ཞིབ་བྱེད་སའི་དྲ་མིག་ནང་(kakao)ཞེས་པ་གཏགས་ཚེ།མཉེན་ཆས་དེ་འཆར་འོང་། དེའི་མཚོན་རྟགས་ཀྱི་རི་མོ་ནི་ངོས་ཤོག་སེར་པོ་ཞིག་གི་དཀྱིལ་དུ་དབྱིན་ཡིག་གི་གསལ་བྱེད་TALK ཡོད་པ་ཞིག་ཡིན། པར་རིས་༡་་༢་་༣་་༤་ནང་གསལ་བའི་ལམ་སྟོན་རིམ་པ་བཞིན་རྗེས་འཇུག་གནང་རོགས།༽

1 copy.jpg

2 copy.jpg

 

དེ་ནས་མཉེན་ཆས་ནང་འཇུག་གི་ལམ་སྟོན་ལྟར་ནང་འཇུག་བྱ་དགོས།
གཉིས་པ།
གོང་གི་པར་རིས་གཉིས་པའི་ནང་མཉེན་ཆས་མང་པོ་ཤར་ཡོད་པའི་གྲས་ནས་ཀཱ་ཀའོ་མཉེན་ཆས་དེ་བདམས་ཚར་ན། དེའི་རྗེས་ཀྱི་དྲ་ངོས་ནང་གི་kakao Talk Messenger 安装 དབྱིན་ཡིག་ནང་Install ཟེར་བ་དེའི་སྒང་ལ་བསྣུན་དགོས་པ་མ་ཟད། དེའི་རྗེས་ཀྱི་དྲ་ངོས་ནང་接受并accept and download ཟེར་བའི་ཡི་གེ་དེའི་སྒང་ལ་བསྣུན་རྗེས་དངོས་གཞི་ཕབ་ལེན་མ་ཚར་བར་དུ་སྒུག་ནས་སྡོད་དགོས། ཕབ་ལེན་བྱས་ཚར་བ་དང་མཉེན་ཆས་དེ་ཁྱེད་ཀྱི་ཁ་པར་ནནང་རང་ཤུགས་ཀྱིས་ནང་འཇུག་བྱེད་འགོ་ཚུགས་ཀྱི་རེད།༼པར་རིས་༥་་༦་་༧..༨ གཉིས་ལ་གཟིགས།༽

3 copy.jpg

4 copy.jpg

 

གསུམ།
ནང་འཇུག་བྱས་ཚར་བ་དང་། དེའི་རྗེས་ཀྱི་དྲ་ངོས་སུ་ དབྱིན་ཡིག་select country ཡང་ན་རྒྱ་ཡིག་ནང་选择国家 ཟེར་བའི་འདམ་ཀ་དེ་འཆར་ཡོང་གི་རེད། གལ་ཏེ་ཁྱེད་རང་བོད་ཀྱི་ས་ཁུལ་འདྲ་མིན་དང་རྒྱ་ནང་གི་གྲོང་ཁྱེར་ཁག་ན་བཞུགས་ཀྱི་ཡོད་ཚེ། འདམ་ཀ་དེ་དག་གི་ཁྲོད་ནས་དབྱིན་ཇིེའི་ཚིག་china +86 ཡོད་པ་འདེམས་དགོས་ལ། དེ་གྲུབ་ཚར་བ་དང་དྲ་ངོས་རྗེས་མའི་ནང་གི་སྟོང་ཆ་ཞིག་ཡོད་པ་དེའི་ནང་རང་ཉིད་ཀྱི་ཁ་པར་ཨང་གྲངས་བསྐངས་ན། ཀ་ཀའོ་བཟོ་ཚོང་ཁང་གིས་ཁྱེད་ཀྱི་ཁ་པར་སྟེང་ར་སྤྲོད་གསང་ཚིག་ཅིག་འཕྲིན་ཐུང་གི་ཚུལ་དུ་བསྐུར་ཡོང་གི་རེད། ར་སྤྲོད་གསང་ཚིག་དེ་དྲ་ངོས་རྗེས་མའི་ནང་བསྐང་རྗེས། དེའི་རྗེས་ཀྱི་དྲ་ངོས་ནང་གི་དབྱིན་སྐད་ནང་Agree and continue འམ་རྒྱ་སྐད་ནང་同意并继续ཟེར་བ་དེའི་སྒང་ལ་བསྣུན་ན། ཁྱེད་ཀྱིས་ཀཱ་ཀའོ་མཉེན་ཆས་ཕབ་ལེན་དང་ནང་འཇུག་གི་ལས་རིམ་ཡོངས་སུ་འགྲུབ་ཚར་བ་རེད། ༼པར་རིས་༩་་༡༠་་༡༡་༡༢་ལ་གཟིགས།༽

 5 copy.jpg

6 copy.jpg

བཞི།
ཀཱ་ཀའོ་མཉེན་ཆས་ནང་འཇུག་བྱས་ཚར་ན། ཁྱོད་ལ་ལས་ཀ་ཞིག་པ་ཡོད་པ་ནི་ཀཱ་ཀའོ་བེད་སྤྱོད་གཏོང་མཁན་གྱི་གྲོགས་པོ་རེ་བཙལ་ནས་ཁོང་ཚོ་དང་མཉམ་དུ་ཁ་བརྡ་དང་གཏམ་གླེང་འགོ་འཛུགས་བྱེད་རྒྱུ་དེ་རེད། དེ་ན་གྲོགས་པོ་ཇི་ལྟར་འཚོལ་མིན་གྱི་དྲི་བ་ཏན་ཏན་ཁྱེད་ཚོའི་སེམས་ནང་ལ་ཡོད་ཀྱི་རེད། གྲོགས་པོ་འཚོལ་སྟངས་ལ་ལམ་ཁ་མ་འདྲ་བ་གཉིས་ཡོད། གཅིག་ནི་ གྲོགས་པོ་གང་དེའི་ཀཱ་ཀའོ་ཡི་ཁ་བྱང་བརྒྱུད་ནས་འཚོལ་དགོས་ལ། གཞན་དེ་ནི་གྲོགས་པོ་གང་དེའི་ཁ་པར་ཨང་གྲངས་བརྒྱུད་ནས་འཚོལ་དགོས། གྲོགས་པོ་བཙལ་སའི་ས་མིག་དེ་པར་རིས་་ནང་གཟིགས་ན་གསལ་པོ་ཧ་གོ་ཐུབ།

ལྔ།
དེ་མིན་ཀཱ་ཀའོ་མཉེན་ཆས་ཀྱི་ཐོ་གཞུང་ནང་་དབྱིན་ཡིག་ནང་Friends +Chat +Search + More རྒྱ་ཡིག་ནང་ 好友+聊天+查找+更多སོགས་ཡོད་པ་ལས་Search་(查找)ཞེས་པ་དེའི་སྒང་ལ་བསྣུན་རྗེས་རང་ཉིད་ཀྱི་ཁ་པར་ནང་གི་ཐོ་གཞུང་ནང་མ་གཞི་ནས་ཡོད་པའི་གྲོགས་པོ་ཚོ་ཡང་ཀ་ཀཱའོ་ནང་འབོད་འགུག་ཡང་བྱེད་ཆོག་པ་ཡིན། གནས་སྐབས་རིང་ཁྱེད་ཀྱི་གྲོགས་པོ་ཚོས་མཉེན་ཆས་འདི་བེད་སྤྱོད་གཏོང་གི་མེད་སྲིད་ཀྱང་། བརྒྱུད་རིམ་འདིའི་་ཁྲོད་ནས་མ་འོངས་པར་ཁོ་ཚོས་མཉེན་ཆས་གསར་བ་འདི་བེད་སྤྱོད་གཏོང་བར་ཁྱེད་ཀྱིས་སྐུལ་མ་བྱ ེད་འོས།༼པར་རིས་༡༣་་༡༤་་༡༥་་༡༦་་༡༧་་༡༨་་བཅས་ལ་གཟིགས།༽

 7 copy.jpg

8 copy.jpg

9 copy.jpg

དྲུག
ཁྱེད་ཀྱིས་རང་ཉིད་ཀྱི་གྲོགས་པོ་དེ་རྙེད་ཚར་བ་ཡིན་ན། གཏམ་གླེང་འགོ་འཛུགས་བྱེད་ཆོག་ལ། གཏམ་གླེང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་འདྲ་པར་དང་བརྙན་པར། སྐད་འཕྲིན་སོགས་ཚང་མ་བཏང་ཆོག འཕྲིན་ཕྲན་དང་མ་འདྲ་བ་ཞིག་ནི་ཀཱ་ཀའོ་ནང་དུས་གཅིག་ལ་འདྲ་པར་མང་པོ་གཏོང་ཐུབ་པའི་མཐུན་རྐྱེན་འདུག གལ་ཏེ་ཁྱེད་ཀྱི་དྲ་རྒྱའི་བརྡ་རྟགས་ཡག་པོ་ཡོད་ཚེ ། གྲོགས་པོ་ཕན་ཚུན་དབར་ད་དུང་ཀ་ཀའོ་བརྒྱུད་ཁ་པར་གཏང་ཆོག་པ་མ་ཟད། མི་མང་པོའི་མཉམ་དུ་དུས་གཅིག་ལ་ཁ་བརྡ་སོགས་བྱེད་ཐུབ། ཀཱ་ཀའོ་མཉེན་ཆས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ནི་གྲོགས་པོ་ཕན་ཚུན་དབར་གཏམ་གླེང་བྱེད་པའི་བརྒྱུད་རིམ་ཚང་མར་https ཟེར་བའི་བདེ་འཇགས་ཀྱི་ཁྱད་ཆོས་ཞིག་འཕར་མ་བེད་སྤྱོད་གཏོང་གི་འདུག་ལ། མཐུན་རྐྱེན་འདི་བརྒྱུད་ནས་རང་ཉིད་ཀྱི་འཕྲིན་ཐུང་དང་ཡིག་ཆ་སོགས་སྦས་ནས་གཏོང་ཐུབ་ཀྱི་ཡོད་པ་སོགས་མཐུན་རྐྱེན་མང་པོ་ཡོད་དོ།།༼པར་རིས་༡༩་་༢༠་་གཉིས་ལ་གཟིགས།༽

10 copy.jpg
༡༠

ཉེ་བའི་གསར་བསྒྱུར།