ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

ཀུ་ཤུའི་གློག་ཀླད་དུ་ཧི་མ་ལ་ཡ་གཏག་ཐབས་སྒྲིག་འཇུག་ཚུལ།

སྤེལ་དུས། 2018-12-17 14:10:38  རྩོམ་ཁུངས། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།  རྩོམ་པ་པོ། bumpa  ཀློག་གྲངས།

    ཉེ་ཆར། ཀུ་ཤུའི་གློག་ཀླད་ནང་གི་ཧི་མ་ལ་ཡ་གཏག་ཐབས་ལ་ལེགས་བཅོས་བཏང་བས། ཀུན་གྱིས་དགའ་བསུ་ཐོབ་བཞིན་འདུག་ལ། ད་དུང་མང་ཆེ་བ་ཞིག་གིས་སྒྲིག་འཇུག་བྱེད་སྟངས་སྐོར་ལ་དྲི་བ་སྣ་ཚོགས་འདོན་བཞིན་འདུག་པས། ཆེད་དུ་བརྙན་ཟློས་ཤིག་བཟོས་ཏེ་གཟིགས་འབུལ་ཞུས་ཡོད།

 

    མཉེན་ཆས་བཟོ་བསྐྲུན་པ། བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བ།
    མཉེན་ཆས་ཀྱི་ཐོན་རིམ། 2.2.0
    མཉེན་ཆས་ཀྱི་ཆེ་ཆུང་། 280KB
    མཉེན་ཆས་ཀྱི་རྣམ་གཞག dmg
    མཇུག་མཐའི་གསར་བཅོས། 2018ལོའི་ཟླ12ཚེས13ཉིན།
གསལ་བཤད། མཉེན་ཆས་འདི་ནི་རིན་མེད་མཁོ་སྤྲོད་ཡིན་པས་ཚོང་གི་ཕྱོགས་སུ་སྤྱོད་མི་རུང་།

ཀུ་ཤུའི་གློག་ཀླད་དུ་སྤྱོད་པའི་ཧི་མ་ལ་ཡ་གཏག་ཐབས་ཀྱི་ཐོན་རིམ་གཉིས་པ་འདིའི་ནང་དུ་དེ་སྔའི་ཧི་མ་ལ་ཡ་གཏག་ཐབས་ལ་ལེགས་བཅོས་བཏང་ཡོད་པ་ནི།

མཐེབ caps lock མནན་ཚེ་དབྱིན་ཡིག་གི་གསལ་བྱེད་ཆུང་འབྲི་གཏག་ཐུབ་པ་དང་། དེ་ནས shift མནན་ཚེ་དབྱིན་ཡིག་གི་གསལ་བྱེད་ཆེ་འབྲི་གཏག་ཐུབ་པ་བྱས་ཡོད།

གཏག་ཐབས་ཁ་སྣོན་བྱེད་དུས་སུ་བོད་ཡིག་གི་གྲས་སུ་མེད་པར་གཞན་དག་གི་གྲས་སུ་འདུག་པའི་གནད་དོན་སེལ་ཡོད་པ།

ཡིག་རྐྱང་མཁོ་ཕབ་ (command+c) དང་སྦྱོར་ (command+v) མི་ཐུབ་པའི་གནད་དོན་སེལ་ཡོད་པ།

སྒྲིག་འཇུག་བྱེད་སྟངས་ལ་འགྱུར་བ་བཏང་ཡོད་པ།

རྟགས་རིས་ཀྱི་ཡི་གེ་ཧི་དེ་ཨ་ལ་བཅོས་ནས་ཕྱིའི་རྣམ་པ་ཇེ་མཛེས་སུ་བཏང་ཡོད་པ།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།